རྒྱ་མིའི་སྐད་ཡིག་དང་ནང་ཆོས་སློབ་སྟོན་གྱི་སྐོར་འབྲུག་སྐད་ཀྱི་སྒོ་ལས་ག་ར་སྟབས་ཅིག་ལུ་བཤད་པ།།

ཨྱོན་རྒྱལ་སྤྱིའི་སྐད་ཡིག་དང་རིག་གཞུང་སྦྱོར་བརྡར་སློབ་གྲྭ་ནས རྒྱ་མིའི་སྐད་ཡིག་སློབ་སྟོན་གྱི་གསལ་བསྒྲགས།

ང་བཅས་འབྲུག་མི་ཚུ་གྱིས་རྒྱ་མིའི་སྐད་ཡིག་སྦྱངས་ནིའི་འདོད་པ་ཡོད་མི་ཚུ་ལུ་ཞུ་དོན་འདི་ནི།

ད་རེས་ནངས་པ་རྒྱ་མི་གྱི་རྒྱལ་ཁབ་འདི་ཚོང་དང་བཟོ་གྲྭ་སོགས་དཔལ་འབྱོར་གྱི་ཐད་ཁ་ལུ་འབད་རུང་། ལོ་གཅིག་ལས་ལོ་གཅིག་ཡར་རྒྱས་གོང་འཕེལ་སོངམ་མ་ཚད། རྒྱ་མིའི་ཅ་ལ་དང་མི་རིགས་ཚུ། རྒྱལ་ཁབ་ལེ་ཤ་ཅིག་ནང་ ལོ་གཅིག་ལས་ལོ་གཅིག་ཁྱབ་འདི་གིས་ རྒྱ་མིའི་གཡུས་དང་མི་རིགས་ནི་དཔལ་འབྱོར་གྱིས་འཕྱུགས་པའི་མིང་གཏམ་དང་སྐད་བསྒྲགས་ འཛམ་གླིང་ནང་ལུ་དར་འཕེལ་འགྱོ་དང་འགྱོ་བཞིན་དུ་འདུག

དེ་སྦེ་འབདཝ་ལས་བརྟེན་ ད་རེས་ནངས་པ་རྒྱ་མི་གྱི་དཔལ་འབྱོར་གྱི་གནས་སྟངས་ལེགས་ཤོམ་སྦེ་ཧ་གོ་མི་ཚོང་པ་དང་ཆོཔ་ཚུ་གྱིས། ཚོང་བཟོ་གྲྭ་དང་ཆོས་ཚུ་སྤེལ་ནི་གྱི་དོན་ལུ་  རྒྱ་མིའི་རྒྱལ་ཁབ་ནང་ལུ་འགྱོཝ་ཨིནམ་སྦེ། དེ་ཡང་ག་ཅི་སྦེ་ཨིནམ་སྨོ་ཟེ་བ་ཅིན་ ད་རེ་ནངས་པ་རྒྱ་མིའི་མི་རིགས་འདི་དཔལ་འབྱོར་གོང་འཕེལ་སོངམ་དང་གཅིག  མི་རློབས་མང་མི་དང་གཉིས།  རྒྱ་མིའི་རྒྱལ་ཁབ་ནང་ལུ་ཚོང་དང་བཟོ་གྲྭ་མངམ་སྦེ་ཡོདཔ་གསུམ་ལས་བརྟེན་ ག་ཅི་ལས་ལས་འབད་རུང་ གོ་སྐབས་མ་འདྲཝ་ལེ་ཤ་ལེན་ནི་ཡོདཔ་ལས་བརྟེན་ཨིནམ་འོངས་ནི་མས།  དེ་ལས་ ཆོས་ལུགས་ཀྱི་ཁ་ཐུག་ལས་ འབད་རུང་ མ་གཞི་རྒྱ་མིའི་རྒྱལ་ཁབ་འདི་ དང་ཕུ་ལས་ཆོས་ལུགས་ལེ་ཤ་ཅིག་ར་དར་འདིས་ཡོད་པའི་མགུར་  ད་རེས་ནངས་པ་ ནང་པའི་ཆོས་ཡང་དངོས་དང་བརྒྱུད་པའི་ཚུལ་གྱིས་ ལོ་གཅིག་ལས་ལོ་གཅིག་དར་ཁྱབ་འགྱོ་འདིས་འདུག

ང་བཅས་ར་འབྲུག་རྒྱལ་ཁབ་འདི་ཆུང་ཀུ་ཅིག་འབད་རུང་ རྒྱལ་ཁབ་གཞན་ད་མ་འདྲཝ་སྦེ་ གངས་རི་དང་ནགས་ཚལ་ སྐྱེད་ཚལ་སྔོ་ལྗང་དང་ལྡན་པའི་སྤངས་གཤོང་སོགས་ཀྱིས་འཕྱུགས་པའི་མགུར་ གནམ་ཟླ་དུས་བཞིའི་དངོས་པོའི་སྤུ་རིས་ཡང་སོ་སོར་མ་འདྲེས་པར་ཚ་ས་ལུ་ཚ་ གྱང་ས་ལུ་འགྱང་བསིལ་དྲོད་སྙོམས་པའི་དུས་ཚོད་ཚུ་ སོ་སོ་སོ་སོར་མངོན་པར་གསལཝ་སྦེ་བྱུང་ཟིན་དང་འབྱུང་བཞིནམ་ཨིནམ་མ་ཚད་ རང་བཞིན་གནས་སྟངས་ཀྱི་མཁོ་དངོས་ཡང་ གཞུང་གིས་ལེགས་ཤོམ་སྦེ་བདག་འཛིན་འཐབ་ནི་གྱི་སྲིད་བྱུས་བརྩམས་ཡོདཔ་ལས་བརྟེན་ མ་འོང་འབྱུང་འགྱུར་ལུ་ཡང་ང་བཅས་ར་རྒྱལ་ཁབ་འདི་ མིག་གིས་བལྟ་བ་ཅིན་ཁྲ་ལམ་ལམ་ཧིང་སངས་སངས་མཐོང་ནི་དང་ ནང་རང་གི་ལུས་དང་སེམས་ཀྱི་ཁམས་ཡང་བདེ་ཏོག་ཏོ་དང་སྐྱིད་ཏོང་ཏོ་འོངས་ནི་ཡོད་ནི་འདི་གྱིས། རྒྱ་མིའི་བལྟ་བཤལཔ་ཡང་ ཧ་ལས་སི་སི་སྦེ་  ལོ་གཅིག་ལས་ལོ་གཅིག་  མངཔ་སྦེ་འོངམ་ལས་བརྟེན།

རྒྱ་མིའི་ལམ་སྟོནཔ་ཡང་མངཔ་སྦེ་དགོཔ་འདུག་ རྒྱ་མིའི་བལྟ་བཤལཔ་རྒྱལ་ཁབ་ནང་ལུ་འོངས་མི་འདི་ ང་བཅས་འབྲུག་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ག་ཏི་ལུ་ཡང་ཁྱབ་འདིས་ཡོད་པའི་མགུར་ རྒྱུ་སྟོབས་ཡོད་མི་ཚུ་གྱི་རྒྱལ་ཁབ་ཚུ་གྱིས་ཡང་ རྒྱ་མིའི་བལྟ་བཤལཔ་རྒྱལ་ཁབ་ནང་ལུ་འོང་ནི་གྱི་ཐབས་ཤེས་ལེ་ཤ་སྟོནམ་ཨིན་མས།

ག་ཅིམ་ཟེ་བ་ཅིན་ རྒྱ་མིའི་མི་འདི་མི་རློབས་མངམ་སྦེ་ཡོད་པའི་མགུར་ ད་རེས་ནངས་པ་རྒྱ་རིགས་ལུ་ཏི་རུ་ཡང་འབོར་ཆེ་ཏོག་ཏོ་སྦེ་ཡོདཔ་མ་ཚད་ འཛམ་གླིང་རྒྱལ་ཁབ་ག་ཏི་ར་བལྟ་བསྐོར་འབད་མིའི་གྱངས་ཁ་ཡང་མཐོ་ཤོ་སྦེ་འཐོན་ནི་འདི་གྱིས་ཨིན་མས།

གོང་ལུ་ཞུ་དོ་བཟུམ་སྦེ་ ང་བཅས་ར་འབྲུག་རྒྱལ་ཁབ་ལུ་ རྒྱ་མིའི་བལྟ་བཤལཔ་ལོ་གཅིག་ལས་ལོ་གཅིག་མངཔ་སྦེ་འོང་པ་ཅིན་ ལམ་སྟོནཔ་དང་ ཚོང་པ་  བལྟ་བཤལ་ལས་ཁུངས་ཀྱི་ལཱ་གཡོགསཔ་  རྒྱ་ནག་ལུ་ ཚོང་རྐྱབ་པར་འགྱོ་མི་དང་ རྒྱ་མིའི་མི་རིགས་ཡོད་པའི་ས་ཁར་ཆོས་སྤེལ་བར་འབྱོན་མི་ཆོཔ་ཚུ་གྱིས་ཡང་ རྒྱ་མིའི་སྐད་ཡིག་སྦྱངས་དགོཔ་འདི་ ཁག་ཆེ་དྲགས་ཅིག་སྦེ་མཐོངམ་མས།

དེ་སྦེ་འབདཝ་ལས་ རྒྱ་མིའི་སྐད་ཡིག་སྦྱངས་འདོད་ཡོད་མི་ཚུ་ག་ར་གྱིས། འོག་ལུ་བཀོད་ཡོད་པའི་ཁ་བྱང་ཡོད་སའི་ ཁྱིམ་ནང་འབྱོན་གནང་སི་ཞུ་ནི་ཨིན།

 རྒྱ་སྐད་སློབ་སྟོན་འགོ་བཙུགས་ནི་གྱི་དུས་ཚོད།

རྒྱ་སྐད་སློབ་སྟོན་གྱི་དུས་ཚོད་འདི་ དབྱིན་ལོ ༢༠༡༦ དབྱིན་ཟླ་༦་པའི་དབྱིན་ཚེས ༦གྱི་ཉིནམ་ལུ་འགོ་བཙུགས་ནི་ཨིནམ་ལས་ སྦྱངས་ནི་གྱི་བློ་འདོད་ཡོད་མི་ཚུ་གྱིས། དབྱིན་ལོ་༢༠༡༦ གི་དབྱིན་ཟླ་༤པའི་དབྱིན་ཚེས་༢༡ ནས་འགོ་བཙུགས་ཏེ་ དབྱིན་ཟླ ༥ པའི་དབྱིན་ཚེས༣༡ བར་ན་ལུ་ཨྱོན་རྒྱལ་སྤྱིའི་སྐད་ཡིག་དང་རིག་གཞུང་སྦྱོང་བརྡར་སློབ་གྲྭ་ལུ་ཐོ་བཀོད་གནང་པར་འབྱོན་གནང་སི་ཞུ་ནི་ཨིན།

ང་བཅས་ཀྱི་འཛིན་གྲྭ་ནང་ལུ་སློབ་གྲྭཔ་མི་༢༥ ལས་འགལ་འདིས་བཞག་མི་ཆོགཔ་ལས་བརྟེན་ རྒྱ་མི་གི་སྐད་ཡིག་ལྷབ་འདོད་ཡོད་མི་ཚུ་གིས་ཐོ་བཀོད་འབད་པར་མགྱོགས་པར་འབྱོན་གནང་།

ག་དེ་ཅིག་ས་སྟོང་རྫོགས་སོ་བ་ཅིན་ ཟླ་བ་དྲུག་གི་ཤུལ་ལས་མ་གཏོགས་ཐོ་བཀོད་འབད་ནི་གི་གོ་སྐབས་མི་ཐོབ།

 

སློབ་ཚན་གྱི་རིམ་པ།

སློབ་ཚན་གྱི་རིམ་པ་འདི་ལུ་ ཆུང་ཀུ། བར་ན་ཀོམ།  མཐོ་རིམ་གསུམ་སྦེ་དབྱེ་ཁག་ཕྱི་འདིས་ཡོད།།

  སློབ་ཚན་གྱི་རིམ་པ་དང་པམ་འདི་ལུ་ཡང་དོ་རུ་ར་ གོང་འོག་གཉིས་ལུ་དབྱེ་ཁག་གཉིས་ལུ་ཕྱིས་འདིས་ཡོད།

སློབ་ཚན་གྱི་རིམ་པ་དང་པམ་འདི་ནང་དོ་རུ་སློབ་ཚན་ཚན་ཁག་གོང་འོག་གཉིས་ལུ་དབྱེ་བའི་ནང་ལས་

སློབ་དེབ་དང་པོའི་གོང་མའི་སློབ་ཚན་ཚན་ཁག་ནང་ཆུ་ཚོད་སྦེ་བརྩི་བ་ཅིན་ཡོངས་བསྡོམས་ལུ་ ༡༦༥.༦ དང་  གཟའ་ལུ་སྦེ་བརྩི་བ་ཅིན་བདུན་ཕྲག་བཅིུས། ཟླཝ་འབད་བ་ཅིན་ ཟླཝ་གསུམ་གྱི་རིང་ལུ་སྟོན་ནི་སྦེ་གཏན་འབེབས་འབད་ཨི། བདུན་ཕྲག་གཅིག་གི་ནང་ལུ་གཟའ་ཟླཝ་མ་གཏོགས་པའི་ཉིནམ་དྲུག་ག་ར་དཔེ་ཆ་སྟོན་ནི་གྱི་དུས་ཚོད་སྦེ་གཏན་འཁྱོལ་འབད་ཡི། ཉིནམ་རེ་གྱི་སློབ་སྟོན་གྱི་དུས་ཚོད་འདི་ ཉིནམ་རེ་ལུ་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་སློབ་སྟོན་འབད་འོང་།

སློབ་དེབ་གོང་མའི་སློབ་ཚན་ཚན་ཁག་ནང་ལུ་  མིང་ ༣༠༧   ཚིག ༤༤༣ དང་ ཚིག་སྒྲུབ་༤༢ ཡོད།།

སློབ་ཚན་དང་པོའི་འོག་མའི་སློབ་ཚན་ཚན་ཁག་ནང་ཡང་  ཆུ་ཚོད་འབད་བ་ཅིན་ ཡོངས་བསྡོམས་ལུ་ ༡༦༥.༦ དང་  གཟའ་ལུ་སྦེ་བརྩི་བ་ཅིན་བདུན་ཕྲག་བཅིུས།  ཟླཝ་འབད་བ་ཅིན་ ཟླཝ་གསུམ་གྱི་རིང་ལུ་སྟོན་ནི་སྦེ་གཏན་འབེབས་འབད་ཨི།

བདུན་ཕྲག་གཅིག་གི་ནང་ལུ་ གཟའ་ཟླཝ་མ་གཏོགས་པའི་ཉིནམ་དྲུག་ག་ར་དཔེ་ཆ་སྟོན་ནི་གྱི་དུས་ཚོད་སྦེ་གཏན་འཁྱོལ་འབད་ཡི། ཉིནམ་རེ་གྱི་སློབ་སྟོན་གྱི་དུས་ཚོད་འདི་ ཉིནམ་རེ་ལུ་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་སློབ་སྟོན་འབད་འོང་།

སློབ་དེབ་དང་པོའི་གོང་མའི་སློབ་ཚན་ཚན་ཁག་ནང་ལུ་  མིང་ ༣༠༧   ཚིག ༤༤༣ དང་ ཚིག་སྒྲུབ་༤༢ ཡོད།

ཡིག་འབྲུ༧༦.༥ ་གྱི་རྒྱ་མིའི་ཡིག་གཟུགས་བྲིས་ཐངས་སྦྱོང་བརྡར་སྤྲོད་ནི་ཨིན།།

རྒྱ་སྐད་གཞི་རིམ་སྦྱངས་པའི་སྐབས་ལུ་ཚིག་གི་ཐད་ཀར་འབད་བ་ཅིན་ གལ་ཆེ་དྲག་གི་མིང་ཚིག་དང་ བྱ་ཚིག་ ཁྱད་ཚིག་ ཆོས་ཚིག་དང་ ཚིག་སྒྲུབ་བཟོ་ནི་ཚུ་དང་ དོན་གྱི་ཐད་ཀར་འབད་བ་ཅིན་  རང་གི་ངོ་སྤྲོད་ལེགས་ཞིམ་སྦེ་འབད་ནི་དང་  མགྱོནམ་ངོས་ལེན་འབད་ནི་   གནམ་ཐང་དང་ ཟ་ཁང་  མགྱོན་ཁྱིམ་  ཚོང་ཁང་  རྫོང་དང་  ལྷ་ཁང་  སྐུ་ཚུ་གྱི་སྐོར་ལས་སྟོན་འོང་།

མཁན་པོ་ཨྱོན་བཀྲིས་རྒྱ་མིའི་སྐད་ཡིག་སྦྱངསམ་ད་ཆོས་ཚིག་གི་སློབ་སྦྱོང་ཡང་དམིགས་བསལ་སྦེ་ར་སྦྱངས་ཡོདཔ་ལས་བརྟེན་  སློབ་ཚན་ག་ར་གྱི་སྐབས་ལུ་ཆོས་ཚིགས་ཡང་སྟོན་ནི་སྦེ་ཨིན། དེ་ཡང་དཔེ་འབད་བ་ཅིན་  སངས་རྒྱས་དང་བྱང་སེམས་ཚུ་གྱི་མཚན་དང་  རྟེན་འབྲེལ་བཅིུས་དང་བདེན་པ་བཞི་ལ་སོགས་པའི་ཚིག་དང་དོན་གཉིས་ཆ་ར་སྟོན་ནི་སྦེ་ཨིན།།

 

འབྲིང་རིམ་སློབ་དེབ་དང་པོ།

་སློབ་དེབ་བར་ན་ཀོམ་འདི་ལུ་ དེབ་གོང་འོག་གཉིས་སྦེ་དབྱེ་ཁག་ཕྱིས་འདིས་ཡོད།

སློབ་དེབ་གོང་འོག་གཉིས་ལུ་དབྱེ་བའི་ནང་ལས་ སློབ་དེབ་དང་པོའི་ནང་ལུ་  ཆུ་ཚོད་སྦེ་བརྩི་བ་ཅིན་ཡོངས་བསྡོམས་ལུ་ ༡༦༥.༦ དང་  གཟའ་ལུ་སྦེ་བརྩི་བ་ཅིན་བདུན་ཕྲག་བཅིུས།  ཟླཝ་འབད་བ་ཅིན་ ཟླཝ་གསུམ་གྱི་རིང་ལུ་སྟོན་ནི་སྦེ་གཏན་འབེབས་འབད་ཨི། བདུན་ཕྲག་གཅིག་གི་ནང་ལུ་ གཟའ་ཟླཝ་མ་གཏོགས་པའི་ཉིནམ་དྲུག་ག་ར་དཔེ་ཆ་སྟོན་ནི་གྱི་དུས་ཚོད་སྦེ་གཏན་འཁྱོལ་འབད་ཡི། ཉིནམ་རེ་གྱི་སློབ་སྟོན་གྱི་དུས་ཚོད་འདི་ ཉིནམ་རེ་ལུ་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་སློབ་སྟོན་འབད་འོང་།

སློབ་དེབ་གོང་མའི་སློབ་ཚན་ནང་ལུ་  མིང་ ༤༥༠   ཚིག ༤༥༣ དང་ ཚིག་སྒྲུབ་༧༧ ཡོད།

རྒྱ་མིའི་ཡིག་གཟུགས་བྲིས་ཐངས་གི་སྦྱོང་བརྡར་ཡིག་འབྲུ༧༦.༥ ཡོད།།

 

འབྲིང་རིམ་སློབ་དེབ་གཉིས་པ།

་སློབ་དེབ་བར་ན་ཀོམ་འདི་ལུ་ དེབ་གོང་འོག་གཉིས་སྦེ་དབྱེ་ཁག་ཕྱིས་འདིས་ཡོད།

སློབ་དེབ་གོང་འོག་གཉིས་ལུ་དབྱེ་བའི་ནང་ལས་ སློབ་དེབ་གཉིས་པའི་ནང་ལུ་  ཆུ་ཚོད་སྦེ་བརྩི་བ་ཅིན་ཡོངས་བསྡོམས་ལུ་ ༡༦༥.༦ དང་  གཟའ་ལུ་སྦེ་བརྩི་བ་ཅིན་བདུན་ཕྲག་བཅིུས།  ཟླཝ་འབད་བ་ཅིན་ ཟླཝ་གསུམ་གྱི་རིང་ལུ་སྟོན་ནི་སྦེ་གཏན་འབེབས་འབད་ཨི། བདུན་ཕྲག་གཅིག་གི་ནང་ལུ་ གཟའ་ཟླཝ་མ་གཏོགས་པའི་ཉིནམ་དྲུག་ག་ར་དཔེ་ཆ་སྟོན་ནི་གྱི་དུས་ཚོད་སྦེ་གཏན་འཁྱོལ་འབད་ཡི། ཉིནམ་རེ་གྱི་སློབ་སྟོན་གྱི་དུས་ཚོད་འདི་ ཉིནམ་རེ་ལུ་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་སློབ་སྟོན་འབད་འོང་།

སློབ་དེབ་འོག་མའི་སློབ་ཚན་ནང་ལུ་  མིང་ ༤༥༠   ཚིག ༤༥༣ དང་ ཚིག་སྒྲུབ་༡༢༥ ཡོད།

རྒྱ་མིའི་ཡིག་གཟུགས་བྲིས་ཐངས་གི་སྦྱོང་བརྡར་ཡིག་འབྲུ༧༨ ཡོད།།

 

མཐོ་རིམ་སློབ་དེབ།

མཐོ་རིམ་སློབ་དེབ་གསུམ་པར་ ཆུ་ཚོད་སྦེ་བརྩི་བ་ཅིན་ཡོངས་བསྡོམས་ལུ་ ༢༢༠.༨ དང་  གཟའ་ལུ་སྦེ་བརྩི་བ་ཅིན་བདུན་ཕྲག་བཅུ་དྲུག  ཟླཝ་འབད་བ་ཅིན་ ཟླཝ་བཞི་གྱི་རིང་ལུ་སྟོན་ནི་སྦེ་གཏན་འབེབས་འབད་ཨི།

བདུན་ཕྲག་གཅིག་གི་ནང་ལུ་ གཟའ་ཟླཝ་མ་གཏོགས་པའི་ཉིནམ་དྲུག་ག་ར་དཔེ་ཆ་སྟོན་ནི་གྱི་དུས་ཚོད་སྦེ་གཏན་འཁྱོལ་འབད་ཡི། ཉིནམ་རེ་གྱི་སློབ་སྟོན་གྱི་དུས་ཚོད་འདི་ ཉིནམ་རེ་ལུ་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་སློབ་སྟོན་འབད་འོང་།

སློབ་དེབ་གསུམ་པའི་སློབ་ཚན་དུ་ཚིག་ ༧༢༣ ཡོད།

དེ་བཟུམ་སྦེ་སློབ་དེབ་གསུམ་པའི་རྩོམ་བྲིས་ནང་དུ་སུམ་རྟགས་འགྲོ་སྟངས་ཀྱི་གནད་ཀ་སྟོན་པའི་ཚིག༦༡༧ངོ་སྤྲོད་འབད་འདི་འདུག

སློབ་དེབ་འདིས་ ཡང་ རྒྱ་མི་གི་ལུང་པ་སོ་སོར་དར་བའི་གཏམ་དཔེའི་ཚིག་དང་གཡུས་ཚིག  ལྷག་ནི་དང་ཁ་བསླབ་ནི།

གྲོས་གླེང་འབད་ནི་དང་ལམ་སྲོལ་གྱི་སྐོར་ལ་སོགས་པ་བཤད་འདིས་འདུག།

 

འཛིན་གྲྭའི་དུས་ཚིགས།

སློབ་སྟོན་ཁང་ནང་ལུ་སློབ་སྦྱོང་འདི་ ཉིནམ་རེ་ལུ་ཆུ་ཚོད་གཉིས་དང་ཕྱེད་ཀ་རེ་སྦེ་ ཉིནམ་གཅིག་ལུ་ཚར་གཉིས་ད་ ཡངན་གསུམ་རེ་སྦེ་སྟོན་ནི་ཨིན།  དེ་ཡ་ དྲོ་པ། ཉི་མ།  ཕྱི་རུ་གསུམ་ལུ་གྱི་དུས་ཚོད་ལུ་སློབ་སྟོན་འབད་ཡོང་།

དེ་ཡང་ དྲོ་པའི་འཛིན་གྲྭ་འདི་ཆུ་ཚོད ༡༠~༡༢:༣༠ བར་ན་དང་།

ཉིན་མའི་འཛིན་གྲྭ་འདི་༢༣༠~༥བར་ན་དང་།ཕྱི་རུ་གྱི་འཛིན་གྲྭ་འདི་༦:༠༠~༨ ༣༠ བར་ན་སྟོན་ནི་ཨིན།

དུས་ཚོད་འདི་ སློབ་སྦྱོངཔ་ཁྱོད་ར་ ག་སྟབས་མི་དེ་ གདམས་ཁ་རྐྱབ་གནང་སི་ཞུ་ནི།

སློབ་སྦྱོང་འབད་སའི་ཁ་བྱང་།

ཐིམ་ཕུག་ཁྲོམ་ ཅང་ལམ་པཱལཱ་ཟ་ ཁྱིམ་ཐོག་གསུམ་པར། ཧེ་མའི་བེས་ཀོབ་གི་ཁྱིམ་རྙིངམ་གི་རྒྱབ་ཕྱོགས་ལུ།།

རྒྱ་མིའི་ཁ་སྟོན་སའི་ས་གོ་འདི་ཐིམ་ཕུག་ལུ་སྦེ་རུ་ང་ ཁྲོམ་སྦུག་ན་ར་ འབད་ནི་འདི་གིས་ ཁྱོད་ར་ག་རི་ནང་འཛུལ་འོངམ་ད་ ག་ཏི་ལས་འབྱོན་རུང་སྟབས་བདེ་ཏོག་ཏོ་འོང་།

རྒྱ་མིའི་ཁ་སྟོན་སའི་ས་གོ་ན་འོང་དགོ་པ་ཅིན་ བཱས་ད་གླ་འཁོར་བཀག་ས་ལས་སྐར་མ་༥ དེ་ཅི་ལས་འགལ་འདིས་མི་འགོར།

 

སློབ་སྦྱོང་གི་གླ་འཐུས།

སློབ་སྦྱོང་གི་གླ་འཐུས་འདི་ ཟླཝ་གཅིག་ལུ ༦༠༠༠ དང་ ཟླཝ་གསུམ་ལུ་འབད་བ་ཅིན ༡༨༠༠༠།

ཐོ་བཀོད་འཐུས་༡༠༠།  སློབ་སྦྱོང་གི་གླ་འཐུས་འདི་ སློབ་སྦྱོངཔ་ཚུ་གྱིས་ ཐོ་བཀོད་འབདཝ་ད་བསྣམས་འདིས་བཀྲིན་སྐྱངས།

ང་བཅས་རྒྱལ་སྤྱི་སྐད་ཡིག་སྦྱོང་བརྡར་སློབ་གྲྭ་ཡིག་ཚང་ལས་  ཐོ་བཀོད་ཀྱི་དུས་ཚོད་ཁར་ཐོ་བཀོད་པ་ལྷོད་མིའི་སློབ་ཕྲུག་ལུ་ ཟླཝ་དང་པའམ་འདི་ལུ་དངུལ་ཀྲམ་༥༠༠མར་ཕབ་འབད་ཕུལ་ནི་ཨིན།  ཟླ་བ་༦ གི་སློབ་སྦྱོང་འཐུས་སྟབས་ཅིག་ལུ་གནང་པ་ཅིན་  ཡོངས་བསྡོམས་༡༥༠༠ མར་ཕབས་འབད་འོང་།།

 

ཁྱབ་བསྒྲགས།

     ང་བཅས་ཨྱོན་རྒྱལ་སྤྱིའི་སྐད་ཡིག་དང་རིག་གཞུང་སྦྱོང་བརྡར་སློབ་གྲྭ་ཡིག་ཚང་གི་མ་འོངས་པའི་འཆར་གཞི།

ང་བཅས་རྒྱལ་སྤྱི་སྐད་ཡིག་སྦྱོང་བརྡར་སློབ་གྲྭ་ཡིག་ཚང་གིས་དོ་རུ་ར་ རྫོང་ཁ།   ཨིལ་ལིཤ། རྩིས། ནང་དོན་རིག་པ། སྐད་ཡིག་གཞན་ཚུ།

ཟུར་སྦྱོང་བཙུགས་ནི་གི་་འཆར་གཞི་ཡོད།  ཨིན་རུང་སློབ་ཚན་འདི་ཚུ་ ཤུལ་ལས་རྐྱངམ་གཅིག་གསལ་བསྒྲགས་འབད་པའི་ཤུལ་ལས་སྒྲ་བསྒྲིགས་འབད་ནི་ཨིན་ལགས།།

           

 

མཁན་པོ་ཨྱོན་བཀྲིས་ཀྱི་ལོ་རྒྱུས་མདོར་བསྡུས།

མཁན་པོ་ཨྱོན་བཀྲིས་འདི་ འབྲུག་གཞུང་གི་གཞལམ་སྒང་གྲྭ་ཚང་དང་ སྒང་ཏོག་ཐེག་དགུའི་ལེགས་བཤད་གླིང་ནས་  ལས་བཞིའི་འཕྲིན་ལས་ལ་ཉེ་བར་མཁོ་བའི་དབྱངས་ཐིག་གར་གསུམ་དང་།  སངས་རྒྱས་ཀྱི་སྡེ་སྣོད་གསུམ་དང་ ཉམས་ལེན་གྱི་དོན་རྗེན་ཅེར་དུ་དཔོགས་པའི་གཞུང་རིག་གནས་ལ་ལོ་མང་པོའི་རིང་དུ་ཐོས་བསམ་བགྱིས་ཏེ་ ཐོས་བསམ་གྱི་རི་རྩེ་མཐོ་བ་མཁན་པོའི་གོ་གནས་ལུ་ལྷོད་ཡོད།

གྲྭ་ཚང་ལུ་བསྡདཔ་ད་ དཀྱིལ་ཆོག་སྐོར་རྐྱངམ་གཅིག་ལྷབ་མེན་པར་ ཀུན་བཟང་བླ་མའི་ཞལ་ལུང་དང་སྤྱོད་འཇུག་  རྒྱལ་སྲས་ལག་ལེན་ དགེ་ཚུལ་ཀཱ་རི་ཀཱ   སུམ་རྟགས་ངག་སྒྲོན་དང་།  ལྷག་པར་དུ་ ཧེ་མ་་འབྲུག་གི་གྲྭ་ཚང་ལུགས་ལུ་ དཔེ་ཆ་བློར་འཛིན་གྱི་སྲོལ་ཡོདཔ་ལས་ དཔེ་ཆ་ཤོག་ལེབ་སྟོང་ཕྲག་དག་པ་ཅིག་བློར་འཛིན་འབདཔ་ཡོད།  དེ་བཟུམ་སྦེ་ དཔལ་ཁང་ཆོས་མཛད་ལོ་ཙཱ་བས་མཛད་པའི་དག་ཡིག་ངག་སྒྲོན་རྩ་འགྲེལ་གཉིས་ཆ་ར་བློར་འཛིན་འབད་འདིས་ སྦྱངས་རྒྱུགས་ཟེར་ བསྡེབས་ཅིག་ལུ་སྦེ་ཆོས་རྒྱུགས་ཕུལ་ཡོད།

དེ་བཟུམ་སྦེ་ བཤད་གྲྭ་ལུ་བསྡད་སྐབས་ཡང་ གཞུང་རིགས་གནས་རྐྱངམ་ཅིག་མེན་པར་ རྙིང་མའི་ནང་གསེས་ཀྱི་ ཀ་ཐོག་དང་དཔལ་ཡུལ་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་སྐོར་ཡང་མཁན་རིན་པོ་ཆེ་ངག་དབང་རབ་དགའ་དང་སློབ་དཔོན་མེ་ལོང་ནས་ དམིགས་བསལ་སྦེ་སྦྱངས་ཨི།།

དེ་ནས་ཐའི་ཝཱན་ཐའི་པེ་རི་བོ་ཆོས་རྔའི་མཐོ་རིམ་སློབ་གྲྭ་ཆེན་མོར་བསྡད་སྐབས་སུ་ལོ་དྲུག་གི་་རིང་ལུ་རྒྱ་ཡིག་དང་རྒྱ་སྐད། གློག་ཀླད་(computer) རྒྱ་མིའི་ནང་ཆོས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྐོར་དང་། སྒོམ་གྱི་སྐོར་ལ་ཟན་ཟེར་མི་དང་།བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་སྐད་ཡིག་བསྒྱུར་ནི་གྱི་སྦྱོང་བརྡར་ཚུ་འབད་ཡོད།

ཐཱའི་སློབ་གྲྭ་ཆེན་མོར་ཡང་རྒྱ་མིའི་ལུགས་ཀྱི་ཆོ་ག་ཕྱག་ལེན་འགའ་ཤས་སྦྱངས་མྱོང་ཡོད།།

ཨིང་ལིཤ་གྱི་སྐད་ཡིག་འདི་ ཨིང་ལིཤ་སློབ་གྲྭར་དུས་ཐུང་ཀུ་རིང་མ་གཏོགས་བསྡད་མ་ཚུགས་རུང་  འབྲུག་དང་འབྲས་ལྗོངས་ ཐའི་ཝཱན་སོགས་སུ་སློབ་སྦྱོང་འབད་སྡོདཔ་ད་ ཞར་དང་ཞོར་ལུ་སྦྱངས་སྦྱངསམ་ལས་བརྟེན་ཡིག་སྐད་གཉིས་ཆ་ར་ངོ་ཤེས་ཙམ་དང་བྲིས་ཤེསཔ་ཙམ་གཅིག་མ་གཏོགས་ལེགས་ཞིམ་སྦེ་མི་ཤེས།།

ག་དེ་སྦེ་ཨིན་རུང་མཁན་པོ་གིས་ རྒྱ་མིའི་གཡུས་ ཐའི་ཝཱན་ཟེར་མིའི་གྲོང་འཁྱེར་གྱི་མཐོ་རིམ་སློབ་གྲྭར་རྒྱ་མིའི་སྐད་ཡིག་སོགས་ལོ༦ གྱི་རིང་སྦྱངས་པའི་ཤུལ་ལུ་

རྒྱ་མིའི་སྐད་ཡིག་གི་སྒོ་ལས་རྒྱ་མིའི་མི་རིགས་ལུ་ བོད་ཀྱི་ནང་ཆོས་དང་རིག་གནས་སོགས་ལོ ༨ ཙམ་གྱི་རིང་ལུ་ སྤེལ་ཡི།།

 

མཁན་པོའི་ཤེས་ཚད་དང་ཉམས་མྱོང་།

མཁན་པོས་དབྱིན་ལོ་  ༡༩༨༠~༡༩༨༥བར་གཞལ་སྒང་གྲྭ་ཚང་ལུ་དབྱངས་ཐིག་གར་གསུམ་གྱི་ཕྱོགས་འགའ་ སློབ་སྟོན་སྤེལ་བའི་ཐོ་གཤམ་གསལ་ལྟར་ཡིན་ཏེ།

  1. Cymbal(རོལ་མོ།)
  2. Drum( རྔ་།)
  3. Tune of Rituals.གདངས་དབྱངས།
  4. Horn(དུང་།)
  5. Dharma Dance( འཆམ།)
  6. Driglam Namzhag(བསྒྲིགས་ལམ་རྣམ་གཞག།)

(2)

མཁན་པོས་དབྱིན་ལོ་  ༡༩༩༤~༡༩༩༥བར་སྦས་ཡུལ་དར་ཐང་བཤད་གྲྭར་སློབ་སྟོན་སྤེལ་བའི་ཐོ་གཤམ་གསལ་ལྟར་ཡིན་ཏེ།

  1. བྱིས་པའི་དག་ཡིག),
  2. ལེགས་བཤད་ལྗོན་དབང་། ,
  3. ངག་སྒྲོན)
  4. ཁྱད་པར་འཕགས་བསྟོད།

 

(3)

མཁན་པོས་དབྱིན་ལོ་  ༡༩༩༦~༡༩༩༩ བར་སྒང་ཏོག་སྔ་འགྱུར་ཐེག་དགུའི་ལེགས་བཤད་གླིང་གི་བཤད་གྲྭར་སློབ་སྟོན་སྤེལ་བའི་ཐོ་གཤམ་གསལ་ལྟར་ཡིན་ཏེ།

  1. སྤྱོད་འཇུག
  2. སྡོམ་གསུམ
  3. དབུ་མ་འཇུག་པ།
  4. མངོན་པ་མཛོད།

(4)

མཁན་པོས་དབྱིན་ལོ་  ༢༠༠༠ལུ་སྦས་ཡུལ་སོ་ལོ་ཁུམ་བུ་འཇའ་ས་དགོན་པར་སློབ་སྟོན་སྤེལ་བའི་ཐོ་གཤམ་གསལ་ལྟར་ཡིན་ཏེ།

  1. བྱིས་པའི་དག་ཡིག
  2.  ལེགས་བཤད་ལྗོན་དབང་།
  3. ངག་སྒྲོན
  4.  ཁྱད་པར་འཕགས་བསྟོད།

(5)

མཁན་པོས་དབྱིན་ལོ་  ༢༠༡༣~༢༠༡༤བར་ ཐའི་ཝཱན་ལོང་ཤཱན་དགོན་པར་སློབ་སྟོན་སྤེལ་བའི་ཐོ་གཤམ་གསལ་ལྟར་ཡིན་ཏེ།

  1. མཁས་འཇུག
  2. རྒྱལ་སྲས་ལག་ལེན་སོ་བདུན་མ

3.བོད་ཡིག་རྨང་གཞིའི་སྦྱོང་དེབ་ཡིག་ཀུན་གསལ་བའི་མེ་ལོང་།

མཁན་པོས་དབྱིན་ལོ་  ༢༠༠༨~༢༠༠༩ བར་ ཐའི་ཝཱན་སྤྱན་རས་གཟིགས་ཀྱི་ཆོས་ཚོགས་ལུ་སློབ་སྟོན་སྤེལ་བའི་ཐོ་གཤམ་གསལ་ལྟར་ཡིན་ཏེ།

  1. ཀུན་བཟང་བླ་མའི་ཞལ་ལུང་།

 

དེ་ལས་རྒྱ་མིའི་མཐོ་རིམ་སློབ་གྲྭར་ རྒྱ་མིའི་རིགས་གཞུང་དང་སྐད་ཡིག་ཚུ་སྦྱངས་འདི་བསྡད་སྐབས་ཡང་ དམ་ཆོས་མངོན་པ་མཛོད་ཀྱི་རྩ་བ་དེ་ བོེད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཡོད། དེའི་མགུ་ལུ་ཀི་དེབ་ བོད་ཡིག་རྨང་གཞི་ཡིག་ཀུན་གསལ་བའི་མེ་ལོང་སྦེ་མི་ཅིག་བོད་དང་རྒྱ་མིའི་གཉིས་ཆ་ར་གྱི་ཡི་གུའི་མགུ་ལུ་སྦེ་རྩོམ་བསྒྲིགས་འབད་ཡོད།།

དེ་སྦེ་འབད་ནི་དེ་གྱིས་ རྒྱ་མིའི་སྐད་དང་ཡི་གུ་གཉིས་ཆ་རུ་ཉམས་མྱོང་ཨ་ཙི་རེ་ཐོབ་འདི་ཡོད།   གལ་སྲིད་འབྲུག་དང་རྒྱ་མི་ བོད་མི་ཚུ་གྱིས། རྒྱ་མིའི་སྐད་དང་ཡི་གུ།

དེ་ལས་འབྲུག་གི་སྐད་དང་ཡི་གུ་དང་ འདི་མགུ་བོད་ཀྱི་སྐད་དང་ཡི་གུ་ཚུ། བསྒྱུར་ནི་གྱི་ཞབས་ཏོག་ཞུ་དགོཔ་རེ་ཡོད་པ་ཅིན་འོག་གི་ཁ་བྱང་ཚུ་ལུ་འབྲེལ་བ་མཛད་གནང་།

 

འབྲེལ་བ་འབད་སའི་ཐབས་ལམ་འོག་ལུ་བཀོད་དོ་བཟུམ་ཨི།

TCell# 77300743/77486035

Bmobile#17684689/17376603

E-mail-(lung_rig@yahoo.com)

Website:www.ugyeninternationalinstitute.com

Comments are closed.